གསུང་མགུར་བརྒྱ་དང་ཉེར་བདུན༌པ།
ནོར་སྐལ་ཇི་སྙེད་དཀོན་མཆོག་ནས་ཐོབ་པ།
1 ༼ཡར་གནས་མཇལ་དུ་འགྲོ་བའི་སོ་ལོ་མོན་གྱི་མགུར༌མ།༽ ཁང་པ་ཡ་ཝཱེས་བརྩིག་པར་མི་མཛད༌ན། །རྩིག་མཁན་རྣམས་ཀྱིས་དོན་མེད་ལས་ཀ༌བྱེད། །མཁར་གྲོང་ཡ་ཝཱེས་བསྲུང་བར་མི་མཛད༌ན། །སྲུང་མཁན་མེལ་ཚེ་བྱེད་པ་དོན་མེད༌ཡིན།། 2 སྔ་མོ་ལངས་ཤིང་ངལ་གསོ་འཕྱི་བ༌དང༌། །དཀའ་ལས་ཟས་ནི་ཟ་བ་དོན་མེད༌ཡིན། །ཁོང་གིས་བརྩེ་བ་རྣམས་ལ་གཉིད་གནང༌ངོ༌།། 3 བུ་ཕྲུག་ཡ་ཝཱེས་གནང་བའི་ནོར་སྐལ༌ཡིན། །མངལ་གྱི་ཕྲུ་གུ་ཁོང་གི་གསོལ་རས༌ཡིན།། 4 གཞོན་དུས་སྐྱེས་པའི་བུ་དང་བུ་མོ༌ནི། །དཔའ་རྒོད་ལག་གི་མདའ་དང་ཀུན་ནས༌མཚུངས།། 5 མདའ་ཤུབས་མདའ་ཡིས་གང་བའི་མི་དེ༌བདེ། །དེ་ཚོས་མཁར་སྒོར་དགྲ་བོ་རྣམས་ཀྱི༌མདུན། །གླེང་མོལ་བྱེད་དུས་ངོ་ནི་ཚ་མི༌འགྱུར།།